༺ ལོ་རྟ་ལྟེ་གནས་སློབ་ཆུང་གི་དྲ་བར་ཕེབས་པར་དགའ་བསུ་ཞུ ༻ དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 19 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།   
སྣ་འཛོམས།
གསར་འགྱུར།
སློབ་གསོ།
རྩོམ་རིགས།
   གཙོ་ངོས།» སྣ་འཛོམས།» པར་རེས་གསལ་བཤད། »ཕ་གཞིས།
པར་རེས་གསལ་བཤད།

  ཕ་གཞིས།
  དྭངས་གཙང་གི་འཇིག་རྟེན།
  སྣོད་བཅུད་ཆགས་ཚུལ།
  སེམས་ཀྱི་འཁྱེར་སོ།
  པོ་ཏ་ལ།
  འཚོ་བའི་རྟེན་གཞི།

སྣ་འཛོམས།
སྙན་འཇེབས་དབྱངས་ཀྱི་འགྱུར་ཁུགས།
མེ་ཏོག་སེར་ཆེན།
རྩོམ་རིག་དགའ་ཚལ།
སློབ་རའི་གསར་འགྱུར།
སློབ་ཁྲིད་རྒྱུ་ཆ།
སློབ་གསོའི་གླེང་སྟེགས།
བྱིས་པའི་འཇུག་ངོགས།
བརྩམས་ཆོས་གསར་བ།
  ༢༠༡༢༡༠༡༥པར་ངོས་ཁ
  ༢༠༡༢༡༠༡༥པར་ངོས་ཀ
  ༢༠༡༢༠༩༡༥པར་ངོས་ཁ
  ༢༠༡༢༠༩༡༥པར་ངོས་ཀ
  ༢༠༡༢༠༦༡༥པར་ངོས་ཁ
  ༢༠༡༢༠༦༡༥པར་ངོས་ཀ
  ནམ་མཁའི་སྐར་མ།
  ཐུན་སྒྲིལ་གྱི་རང་སྒྲ།
  གསོན་ཉམས་ལྡན་པའི་ཕ་ཡུལ།
  རྨི་ལམ་ནང་གི་ཡུམ་ཆེན།
  དྲིན་ཆེན་མ་ལོ༼གླུ་ཚིག༽
  བློ་གྲོས་ཀྱིས་བཏུལ་བ།
  རི་བོང་ཅལ་འདྲོགས།
  རུས་སྦལ་ས་ལ་ལྷུང་བ།
ཕ་གཞིས།
རྩོམ་སྒྲིག་པ།  ཕུན་ཚོགས།  སྤེལ་དུས།  2013-10-15 བལྟ་ཀློག (121)

རྣོ་མིག
 ཕ་གཞིས་ཞེས་པ་ནི། མི་སོ་སོའི་ཕ་མེས་དུས་ནས་བཟུང་བའི་གཞིས་ཀའམ་སྡོད་གནས་ལ་བྱ་ཞིང་། མི་ཆེ་གེ་མོའི་ཕ་མེས་ཡང་མེས་ཀྱི་དུས་ནས་འཚོ་གཞེས་བགྱི་ཡུལ་དེ་ནི་མི་དེའི་ཕ་ གཞིས་ཡིན་ལ།ཡང་གདུང་རྒྱུད་དང་རུས་རྒྱུད་གཅིག་ཏུ་མཆེད་པའི་མི་རིགས་ཤིག་ཡིན་ ན། རང་མི་རིགས་དེའི་ཡབ་མེས་གོང་མ་ནས་བརྒྱུད་ཅིང་འཚོས་པའི་ས་ཁོངས་དེ་ནི་མི་ རིགས་དེའི་ཕ་གཞིས་ཏེ།ཕ་གཞིས་ལ་མི་ཡན་གར་བར་འབོད་པའི་ཕ་གཞིས་ཤིག་དང་མི་རིགས་ སྤྱི་མཚན་པར་འབོད་པའི་ཕ་གཞིས་གཉིས་ཡོད།དེ་བས་མི་སོ་སོར་ཕ་གཞིས་ཡོད་པ་ཡིན། མི་རིགས་སོ་སོར་ཕ་གཞིས་ཡོད་པ་ཡིན།དེ་ལྟ་ན།ཕ་གཞིས་མེད་པ་ནི་མི་སྲིད་པ་ཡིན་ མོད།ཕ་གཞིས༼སྟོངས༽ནི་སྲིད་པ་ཡིན།
འོ་ན།ནམ་ཡང་ཕ་མེས་ཀྱིས་བསྩལ་བའི་སྔར་གྱི་གཞིས་འཚེར་དེར་བསྡད་པས་ཕ་གཞིས་ སྲུང་འཛིན་ཐུབ་བམ་ཞེ་ན།དེ་འདྲ་ནི་ག་ལ་ཡིན།ཕ་གཞིས་སྲུང་འཛིན་ཞེས་པ་ནི།རང་གི་ ཕ་གཞིས་མ་ཤོར་བའི་སྔོན་འགྲོ་སྟེང་།སྲོལ་རྒྱུན་དང་ཁེར་ཚུགས་ཀྱི་ཁྱད་ནུས་ འདུས་པའི་ཡུལ་སྲོལ་གོམས་གཤིས་དང་ཐུན་མིན་གྱི་ཡུལ་ཐོན་རྫས་དངོས་ལ་སོགས་པའི་ སྟེང་ནས་མངོན་དགོས་པ་ཞིག་རེད།དཔེར་ན། འུ་ཅག་སྒང་བ་བོད་དེ་མཐོང་སྒང་གི་འབྲོག་སྟོང་དུ་འཚོ་བཞུགས་བྱས་པའི་མི་རིགས་ ཤིག་ཡིན་ན།འབྲོག་པའི་སྦྲ་ནག་ནི་ཆེས་འབུར་ཐོན་གྱི་དཔེ་གསོན་པོ་གཅིག་རེད།རོང་ བའི་གནའ་མཁར་དེ་ཡང་དཔེ་གསོན་པོ་གཅིག་རེད།མ་བཅོས་ལྷུན་གྱིས་གྲུབ་པའི་གཡེར་ མོ་ཐང་གཞུང་ན་སྨན་དྲི་བར་མེད་འཇོ་བའི་སྔོ་རྩྭ་དང་སྤང་རི།མེ་ཏོག་གི་འཇིག་ རྟེན་འདི་ཡང་དཔེ་གསོན་པོ་གཅིག་རེད།འདི་ལྟ་བུ་དག་ཉམས་ཚེ་ཕ་གཞིས་ནི་གོ་འཁྱག་ ཐབ་འཁྱག་ཏུ་གྱུར་བའི་ཁང་ཁྱིམ་སྟོང་བ་ཞིག་དང་ཨ་ན་མ་ན་ཡིན་འགྲོ།
   ད་ལོའི་དབྱར་ཟླ་བདུན་པར།བདག་ཕྱིར་ཕ་ཡུལ་དུ་ལོག་པ་ཡིན།ལྡུམ་དྲི་དང་སྐྱག་དྲི། རུལ་དྲི་དང་གསིར་དྲི།གཞོབ་དྲི་དང་སྐྱུར་དྲི་ལ་སོགས་པའི་སྟིག་དྲིས་ཁེངས་པའི་ གྲོང་ཁྱེར་དང་ཁ་ཐག་ཇེ་རིང་ཇེ་རིང་དུ་སོང་ཞིང་།སྨན་དྲི་དང་འོ་དྲི།བསང་དྲི་ དང་སྤུས་དྲི།རྩམ་དྲི་དང་ཚི་དྲིས་ཁེངས་པའི་མཁའ་དབུགས་དང་ཁོར་ཡུག་རྒྱུས་མངའ་ བ་ཞིག་དང་ཁ་ཐག་ཇེ་ཉེ་ཇེ་ཉེར་གྱུར། བདག་གིས་སྣུམ་ཤིག་ཤིག་གི་གཞུང་ལམ་བརྒྱུད་ནས་རི་རྒྱུད་ཀྱི་མངོན་པ་བྲལ་བའི་ གཡེར་མོ་རྩྭ་ཐང་གི་འབྲོག་སྡེ་ཞིག་ལ་རྒྱང་ལྟ་བྱེད་ཞོར་དུ་ཆས་ཤིང་།རྩྭ་ཐང་གི་ ལྷིང་འཇགས་དཀྲོག་མཁན་ནི་གནམ་སའི་བར་ན་ངལ་དུབ་ཀྱིས་ལུས་པའི་སྤྲིན་པ་དང་དགུང་ ཉི་མ་སེར་བོའི་ཕན་ཆད་ནས་གཞན་མེད་པ་འདྲ་སྟེ།དབུས་མཐའ་བྲལ་བའི་རྩྭ་ཐང་དང་དེར་ གཞིས་སྡོད་བགྱིས་པའི་འབྲོག་ཁྱིམ་དག་མིག་གི་སྤྱོད་ཡུལ་དུ་གྱུར་བ་ན།བག་ཕེབས་ དང་ལྷིང་འཇགས་ཀྱི་ཚོར་འདུ་དྲག་པོ་ཞིག་གིས་ཡུལ་དེའི་མཛེས་སྡུག་མཐའ་དག་ལ་སྨྲ་ བསམ་བརྗོད་འདས་ཀྱི་སྙན་ངག་ཤར་ཤར་འབབ་ཡོང་།
སྤྱིར་ན་ལོ་འགའ་ཤས་ཤིག་གི་སྔོན་ནས་འདི་འདྲ་ཡིན་འདུག བདག་གིས་ལམ་ཁར་ཡོད་པའི་འབྲོག་སྡེ་རེ་རེར་མིག་ལྟོས་བྱེད་ཞོར་འོངས་བའི་ཚེ། མཚམས་ཤིག་བདག་གིས་སྐོམ་པའི་ཆུ་འདོད་ལྟར་མཐོང་ན་འདོད་ཀྱིན་པའི་འབྲོག་སྡེ་དེ། འདི་དག་ཡིན་ནམ་སྙམ་པའི་ཐེ་ཚོམ་ཞིག་ངང་གིས་འཁོར་བྱུང་།རྒྱུ་མཚན།ངའི་འབྲོག་ སྡེ་ན།སྦྲ་ནག་ལས་ཁ་ཆེ་མཚོན་པའི་རས་སྦྲ་དཀར་པོ་མེད་པས་སོ།ངའི་འབྲོག་སྡེ་ན། སྦྲ་ནག་ལས་ཙི་ན་མཚོན་པའི་རས་སྦྲ་སྔོན་པོ་མེད་པས་སོ།ངའི་འབྲོག་སྡེ་ན།སྦྲ་ནག་ ལས་དམག་སྒར་མཚོན་པའི་རས་སྦྲ་སེར་པོ་མེད་པས་སོ།ངའི་འབྲོག་སྡེ་དག་གི་སྦྲ་ནག་ ཚང་ནི་གྲུ་བཞི་སྒམ་འདྲ་འདྲ་ལས་གྲུ་བཞི་ནར་གཟུགས་མིན་པས་སོ།ངའི་འབྲོག་སྡེ་ དག་གི་སྦྲ་ལེབ་ནག་ནི་ཟུར་དྲུག་རུས་སྦལ་འདྲ་འདྲ་ལས་ལྟོ་ལྡུར་མགོ་རྩིང་མིན་ པས་སོ།མདོར་ན།ངའི་འབྲོག་སྡེ་དག་གི་སྦྲ་ནག་ལ༼རྐང་ལག་སུག་བཞི༽འཛོམས་ཤིང༼སོག་ རུས་རྒྱུ་ མ༽དང་ལྡན་པ་ཞིག་ཡིན་པས།དགུན་གསུམ་ཁ་བ་བུ་ཡུག་གི་ཙག་ཤེད་ཀྱིས་རེངས་མི་ཐུབ་ལ། དབྱར་གསུམ་ཆར་དྲག་ཚ་གདུགས་ཀྱི་ཙད་པས་རལ་མི་ཐུབ།དེའི་ཕྱིར།དེང་གི་དགུན་གསུམ་ བསེར་བུ་མི་ཁོག་ཅིང་དབྱར་གསུམ་ཆར་ཆུ་མི་འཚོག་པའི་རས་སྦྲ༼འབུབས་བདེ༽དེ་དག་ དང་བསྡུར་བ་ནི།ངའི་ཕ་མེས་ཡང་མེས་ནས་བཟུང་དགུན་གྱི་ཙག་བཀག་དབྱར་གྱི་ཙད་བཀག་ སྟེ་དྲོལ་ཁོལ་འཇོ་བཞིན་དཀའ་སྡུག་གི་ལོ་ཟླ་བསྐྱལ་ཏེ་ཡོངས་བའི་མཐོང་སྨིག་སྦྲ་ འདི་ལ་དམའ་ཕབ་པ་མ་ཡིན་ནམ།
སྤྱིར་སྦྲ་ནག་ནི༼མཐོ་སྒང་ན་མ་གཏོགས་འདུག་མི་ཐུབ་པའི༽①མི་རིགས་ཤིག་གི་སྲོལ་ རྒྱུན་རིག་གནས་རྨ་མེད་པ་ཞིག་ཡིན་ལ།སྦྲ་ནག་ནི་སྒང་བ་བོད་ན་མ་གཏོགས་མེད།དེ་ བས་བོད་ཀྱི་རྟགས་མཚན་དུའང་གངས་རི་དང་སྦྲ་ནག་དང་ནོར་གནག་ཁོ་ན་འཇོག་པ་ཡིན། སྦྲ་ནག་འདི་རས་སྦྲ་ཁྲ་ཁྲར་འགྱུར་གྱིན་པ་འདིས།ང་ཚོར་ཁོར་ཡུག་ཅིག་དང་རིག་གནས་ ཤིག་གིས་མཇུག་མཐའི་གྱེས་ཕྱག་ཕུལ་བ་དང་འདྲ་ཞིང་།སྦྲ་ནག་རས་སྦྲར་འགྱུར་བའི་ གོ་རིམ་ཁྲོད།༼སྦྲ་ནག༽གིས་ང་རང་ཚོའི་རྣ་རྩར༼ང་སྐྱོབ་རོགས༽ཞེས་ངུ་སྐད་ཤབ་ཤུབ་ ཀྱིས་བཟླས་སོང་།༼ཁོར་ཡུག་དེ་ཡོད་ན་རིག་གནས་དེ་གསོན་ཞིང༽②རིག་གནས་དེ་གནས་ན་ ཁོར་ཡུག་དེའི་ངོ་བོ་སྲུང་འཛིན་བགྱི་ཐུབ་པར་འདོད།དེ་ན།འུ་ཚང་གི་རིག་གནས་ལོ་ རྒྱུས་ཀྱི་ཉིང་བཅུད་འདུས་པའི་རྫས་དངོས་གཞལ་དཀའ་བ་དེ་དག་འདི་ལྟར་རེ་རེ་བཞིན། ཨ་གསར་དང་ཞོགས་འུར།བབ་ཅོལ་དང་གཡམ་རྒྱུགས་ཁོ་ནས་བཅོམ་འགྲོ་བ་རེད་ཨང་།གནའ་ བོའི་ཞི་ལ་རྒྱལ་ཁབ་ཀྱི་སི་པ་ཏ་མཁར་སྡེའི་དམག་སྦྱོང་སློབ་གསོའི་ཁྲོད་ན་འདི་ འདྲའི་སྐད་ཆ་ཞིག་འདུག་སྟེ།དགྲ་གཤེད་འདུལ་དགོས་ཚེ་ཐོག་མར་དགྲ་བོའི་ཞན་ཆ་དེ་ ཤེས་དགོས།ཞན་ཆ་ཤེས་ཚེ་དགྲ་བོ་ནི་མི་ཤི་བོ་ཞིག་ཡིན་ཞེས་བཤད་ཀྱང་ཆོག་པ་ཡིན་ ཞེས་པ་ལྟར།ང་ཚོའི་རང་གི་ངོམ་ཆོག་ཆོག་གི་རིག་གནས་དང་ཡུལ་སྲོལ་དག་འདི་ལྟར་ཁད་ ཁད་དུ་ནུབ་འགྲོ་བའི་བྱེད་རྐྱེན་གཙོ་བོ་ཞིག་ནི།ཕ་རོལ་བོས་འུ་ཚོ་ཨ་གསར་དང་ གཡམ་རྒྱུགས་ལ་དགའ་ཞིང་གནད་དོན་ལ་ཞིབ་དཔྱོད་གཏོང་མི་ཤེས་པའི་མི་རིགས་ཤིག་ ཡིན་པའི་ཞན་ཆ་དེ་ཤེས་པས་རེད་སྙམ།ནམ་ཞིག་གི་ཚེ་ན།མི་རབས་གཞུག་མ་ཚོས།བདག་གི་ སྨིག་ལྡེམ་ལྡེམ་གྱི་སྦྲ་ནག་འདི།མི་ལ་སྟོང་ཕྲག་གི་རིང་ལ་འབྱུང་བཞིའི་ཁ་གཏད་ དུ་འགྲེང་སྟེ་མེ་ཁ་གསོས་མྱོང་པའི་སྦྲ་ནག་དུད་པ་ཅན་འདི།རྡོག་ཐོས་བརྒྱབ་སྟེ་ ཧ་ཅང་རྒས་ཤིང་འཁོགས་པའི་རྣམ་འགྱུར་གྱིས་འཆི་ཡང་དགོས་སམ།
གཞན་ཡང་རོང་བའི་གནའ་མཁར་རྫིག་པོའམ་ཁང་རྒན་སྨིག་པོ་དག་ཀྱང་དེ་དང་དེ་བཞིན་ཏེ། དང་ཐོག་གི་རྡོས་རྩིག་པ་བརྒྱབ་དེའི་ཁར་གྱང་བརྡུངས་སྟེ་གྲུ་བཞི་སྒམ་འདྲ་ཞིག་ ཏུ་བྱས་ཤིང་།ཁང་བའི་ཀླད་བྱམས་སུ་བྱ་འདབ་ཚུར་ཅུང་བརྒྱངས་པ་ཡར་གནམ་ལ་འཁྱིལ་བ། ཀླད་ཁེབས་སྙོམས་པོ་ཡིན་ཞིང་འདམ་གྱིས་ཞར་ཞར་བཏང་བ་ཆར་ཆུས་མི་ཟགས་པ།སྤུས་ཀ་ བཟང་བ།ཁང་བའི་སྒོ་བཞི་གླིང་བརྒྱད་ཀྱི་ཕྱི་ངོས་སུ་དཀར་རྩི་བྱུགས་ཏེ་རྟགས་དང་ རྟེན་འབྲེལ་དཀར་པོ་ཡིན་པ་བྱས་པ།སྒོ་མདོག་ཤིང་མདོག་ཡིན་ལ་སྒོ་མགོར་ལོ་རེ་ རེའི་ལི་ཐོ་སྦྱར་བ་ལ་སོགས་པའི་ཁྱད་ཆོས་དག་འགྱུར་ཏེ།དེང་སང་ཐད་གར་ཨར་འདམ་ བརྩིགས་ཏེ་ཁང་ཤར་དུམ་སྐོར་དུམ་སྐོར་བྱས་ནས་ལས་ཏེ་མ་འོངས་པ་ན་སུ་ཞིག་གི་ བཙོན་ཁང་ཡང་མིན་ནམ་སྙམ་པ་རེ་བཟོ་ཡི་འདུག་ཅིང་།ཁང་བའི་ཀླད་བྱམས་དཀྱིལ་མཐོ་ལ་ མཐའ་དམའ་བའི་ཟུར་གསུམ་དབྱིབས་ཀྱི་ཁ་མདོག་དམར་པོ་ཅན་ཞིག་ཡིན་ལ།སྤུས་ཀ་ཞན་པ། བརྡིབ་སླ་བ།སྲོག་ཉེན་ཆེ་བ།ཁང་བའི་སྒོ་མདོག་དམར་པོ་ཡིན་ལ་སྒོ་མགོར་རྒྱ་ཡིག་ རེ་དང་ཨང་གི་རེ་སྦྱར་ཡོད་པ་ཞིག་ཏུ་བསྒྱུར་འདུག ལྷག་པར་གནད་དོན་འདི་འབྲོག་པ་ཁང་འབུབས་མཁན་ཚོའམ③སྦྲ་ནག་དོར་ནས་རྒྱ་ཁང་འབུབས་ མཁན་ཚོའི་ཡུལ་ན་ཁྱབ་བརྡལ་ཆེ།
དེ་ལྟར་ལོག་ཕེབས་ཀྱི་ལམ་བར་ནས།རང་གི༼ངུ་སྐད་ཀྱི་གོམ་པ་དང་པོ་འཇོག་སའི༽④ཕ་ གཞིས་འདིའི་རི་ལུང་ཐང་གསུམ་གྱི་མཛེས་པ་དཔག་དཀའ་བ་དག་ལ་ལོངས་སུ་སྤྱོན་གྱིན་ སྤྱོད་ཀྱིན་འོང་བའི་སྐབས་དེར།ང་རང་སླར་ཡང་གནད་དོན་ཞིག་ལ་འཕྲད་སྲིད་ཅིང་།དེ་ ནི་རང་ས་རང་གིས་བརླག་མཁན་གྱིན་པའི་སྣང་ཚུལ་ཐབས་རྡུགས་པོ་འདི་ཡིན་པ་གདོན་མི་ ཟ།
དམུན་ལས་འདི་ནི་རོང་འབྲོག་གཉིས་ཀས་བསླངས་པ་ཞིག་རེད་དེ།འབྲོག་པ་ཚོས་རུ་དབྱར་ སར་སྤར་བའི་མཚམས་དག་དག་ཏུ།རི་མགོར་སྨན་རྩྭ་ལ་སོགས་པའི་རྩྭ་ལྡུམ་ཐུན་མིན་པ་ དག་སྐྱེས་དང་སྐྱེ་བཞིན་པའི་སྒང་ཡིན་སྟབས།སྨད་ཕྱོགས་ཀྱི་ཞིང་ལས་གཉེར་གྱིན་ པའི་རོང་བ་དག་སྐབས་དེར་ཐག་རིང་གི་འབྲོག་སྟོང་དག་གི་རི་མགོར་སྨན་རྩྭ་བརྐོ་ རུ་ཡོང་ལ།འབྲོག་རྒན་དག་གིས་ཀྱང་རང་ས་ མ་མོའི་བྲང་མགོ་འདྲ་བ་དེ་སྒོར་རྡོག་འགའི་ཆེད་དུ་རོང་བ་དེ་དག་ལ་གླས་ཏེ༼ས་ བཙོང༽གིན་ཡོད་པ་རེད།དམུན་ལས་འདིའི་མགོ་ཚུགས་ནས་དུས་རབས་གཅིག་ཙམ་འདས་ཀྱིན་ ཡོད་ཤས་ཆེ།གང་ལྟར་དེང་སྐབས་ཀྱི་དཔལ་འབྱོར་འཛུགས་སྐྲུན་ལྟེ་བ་ཡིན་པའི་གནས་ སྟངས་དང་དངུལ་ལོར་འགྲེམས་ཐལ་ཤོར་ཏེ་དངུལ་གྲངས་གང་འདོད་དུ་འཕར་གྱིན་པའི་གནས་ ཚུལ་འོག རང་ཅག་གི་ཆ་འཕྲིན་དང་རྒྱུན་ཤེས་ལ་རྨོངས་པའི་ཞིང་འབྲོག་དམངས་ཚོགས་ནི་སླ་ངའི་ ནང་གི་ཡོས་རྡོག་བཞིན་དཀར་ཁྲ་དམར་ཁྲ་རུ་འགྱུར་སླ་བས།གནས་སྐབས་ཙམ་གྱི་འཐེན་ ཐུག་ཅ་ནེ་གང་འཐུང་སྤྱད་ལས་མ་རེག་ཀྱང་གཞུག་འདང་རྒྱག་མི་ཤེས་ཤིང་།ལྷག་དོན་ འདི་འདྲའི་མངོན་ཆུང་ཚབ་ཆེའི་གནད་དོན་དག་དང་ཐད་གར་གདོང་ཐུག་བརྒྱབ་ཚེ།ཁོ་ཚོར་ མཚོན་ན་སྒོར་མོ་ནི་ཆེས་འཁྲུལ་དུ་མེད་པའི་ གདམས་ཀ་ཉག་གཅིག་ཡིན་ནོ། །འདི་འདྲའི་དམུན་སྤྱོད་ཡི་མུག་པ་དག་གིས་ང་ལ་རང་གི་ཡབ་མེས་ཀྱིས་གནང་བའི་ལྗང་ ལྟེམ་ལྟེམ་གྱི་ཕ་གཞིས་ཏེ་མེ་ཏོག་གི་འཇིག་རྟེན་འདི།ད་ནི་ཡུན་རིང་མི་སྡོད་པར་ འཇིག་འགྲོའམ་སྙམ་པས།ངས་རང་གི་ཉམས་ཆུང་བའི་ལག་ཟུང་ཡར་བཀྱགས་ཏེ།ཆེས་མ་མཐའ་ཡང་ ང་རང་ངོས་ནས་རང་གི་ཕ་གཞིས་འདི་ལ་གནོད་པའི་བསམ་སྦྱོར་རྦད་དེ་མི་བྱའོ་ཞེས་ མནའ་གན་འཇོག་དགོས་སོང་།   །

རྩོམ་སྒྲིག་པ།  ཕུན་ཚོགས།  སྤེལ་དུས།  2013-10-15 བལྟ་ཀློག (121)
དྲ་ངོས་བལྟ་ཀློག་གྲངས་ཀ
201109
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  0837-2495330 13548388131 QQ:136754599    Emial:pengcuo2001@yahoo.com.cn 136754599@QQ.com
འདི་གའི་པར་དབང་ངེད་ལོ་རྟ་ལྟེ་གནས་སློབ་ཆུང་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13018962号