༺ ལོ་རྟ་ལྟེ་གནས་སློབ་ཆུང་གི་དྲ་བར་ཕེབས་པར་དགའ་བསུ་ཞུ ༻ དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 19 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།   
སྣ་འཛོམས།
གསར་འགྱུར།
སློབ་གསོ།
རྩོམ་རིགས།
   གཙོ་ངོས།» སྣ་འཛོམས།» པར་རེས་གསལ་བཤད། »དྭངས་གཙང་གི་འཇིག་རྟེན།
པར་རེས་གསལ་བཤད།

  ཕ་གཞིས།
  དྭངས་གཙང་གི་འཇིག་རྟེན།
  སྣོད་བཅུད་ཆགས་ཚུལ།
  སེམས་ཀྱི་འཁྱེར་སོ།
  པོ་ཏ་ལ།
  འཚོ་བའི་རྟེན་གཞི།

སྣ་འཛོམས།
སྙན་འཇེབས་དབྱངས་ཀྱི་འགྱུར་ཁུགས།
མེ་ཏོག་སེར་ཆེན།
རྩོམ་རིག་དགའ་ཚལ།
སློབ་རའི་གསར་འགྱུར།
སློབ་ཁྲིད་རྒྱུ་ཆ།
སློབ་གསོའི་གླེང་སྟེགས།
བྱིས་པའི་འཇུག་ངོགས།
བརྩམས་ཆོས་གསར་བ།
  ༢༠༡༢༡༠༡༥པར་ངོས་ཁ
  ༢༠༡༢༡༠༡༥པར་ངོས་ཀ
  ༢༠༡༢༠༩༡༥པར་ངོས་ཁ
  ༢༠༡༢༠༩༡༥པར་ངོས་ཀ
  ༢༠༡༢༠༦༡༥པར་ངོས་ཁ
  ༢༠༡༢༠༦༡༥པར་ངོས་ཀ
  ནམ་མཁའི་སྐར་མ།
  ཐུན་སྒྲིལ་གྱི་རང་སྒྲ།
  གསོན་ཉམས་ལྡན་པའི་ཕ་ཡུལ།
  རྨི་ལམ་ནང་གི་ཡུམ་ཆེན།
  དྲིན་ཆེན་མ་ལོ༼གླུ་ཚིག༽
  བློ་གྲོས་ཀྱིས་བཏུལ་བ།
  རི་བོང་ཅལ་འདྲོགས།
  རུས་སྦལ་ས་ལ་ལྷུང་བ།
དྭངས་གཙང་གི་འཇིག་རྟེན།
རྩོམ་སྒྲིག་པ།  ཕུན་ཚོགས།  སྤེལ་དུས།  2013-10-15 བལྟ་ཀློག (111)

ལྟ་ཞིབ་ཚད་ལེན་ཁག་ལས་མངོན་པར། མཚོ་བོད་མཐོ་སྒང་འདི་ཉིད་གྲང་འཁྱག་སྐམ་ཤས་ཆེ་བ་ནས་རིམ་བཞིན་དྲོད་གཤེར་ཆེ་ བའི་གནམ་གཤིས་སུ་འགྱུར་ལྡོག་འགྲོ་བཞིན་ཡོད་པས། དེ་ནི་འཛམ་གླིང་གི་གནམ་གཤིས་དྲོ་རུ་ཕྱིན་པའི་རྒྱབ་ལྗོངས་འོག ཀྲུང་གོའམ་ཐ་ན་འཛམ་གླིང་སྐྱེ་ཁམས་ཁོར་ཡུག་གིས་འགྱུར་ལྡོག་ཆེན་པོ་བརྒྱུད་ པའི་དཔེ་མཚོན་ལྟ་བུ་ཡིན་པ་རེད།

མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུད་ཀྱིས་ཉེ་དུས་ཆ་འཕྲིན་སྤེལ་བ་ལས་མངོན་པར། དུས་རབས་ཕྱེད་ཀའི་ཚུན་དུ། མཚོ་བོད་མཐོ་སྒང་གི་ལྟེ་བའི་ཁུལ་དུ་གནས་པའི་གཙང་གསུམ་ཆུ་མགོའི་ས་ཁུལ་གྱི་ དྲོད་ཚད་ཧྲེ་ཧྲི་ཏུའུ་2ཙམ་མཐོ་རུ་ཕྱིན་ཞིང་། ལོ་རེའི་ཆ་སྙོམས་འཕར་ཚད་ཀྲུང་གོ་དང་འཛམ་གླིང་ཡོངས་ཀྱི་འཕར་ཚད་ལས་མཐོ་བ་རེད། ཆར་པ་འབབ་ཚད་དེ་ལོ་རེ་བཞིན་འཕར་སྣོན་འགྲོ་བའི་རྣམ་པ་ཐོན་པ་དང་། འཁྱགས་ས་ཆེ་ཤོས་ཀྱི་གཏིང་ཚད་ལོ་བཅུ་རེར་ཆ་སྙོམས་ལི་སྨི་12ཉུང་དུ་ཕྱིན་པ། འཁྱགས་རོམ་མང་དག་ཅིག་ཞུར་འགྲོ་བཞིན་ཡོད་པས། ཕྱིན་ཆད་ལོ་ངོ་བརྒྱའི་ནང་བཅུ་ཆ་4ནས་6ཡན་མེད་པར་འགྱུར་བའི་ཉེན་ཁ་ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུད་ཀྱི་མཐོ་རིམ་བཟོ་སྐྲུན་དབུ་ཆེན་ལི་ལིན་ གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལྟ་ཞིབ་ཚད་ལེན་གྱི་མཇུག་འབྲས་ལས་མངོན་པར། འདས་ཟིན་པའི་ལོ་52རིང་། གཙང་གསུམ་ཆུ་མགོའི་ས་ཁུལ་དུ་དྲོད་ཚད་མཐོ་བའི་གནམ་གཤིས་ངན་པ་བསྟན་ཚད་མངོན་ གསལ་དོད་པོས་མང་དུ་ཕྱིན་པ་དང་དྲོད་ཚད་དམའ་བའི་གནམ་གཤིས་ངན་པ་བསྟན་ཚད་ལོ་རེ་ བཞིན་ཉུང་དུ་འགྲོ་བཞིན་ཡོད་པ། སྐམ་ཤས་ཚབས་ཆེའི་གནམ་གཤིས་བསྟན་ཚད་ཡང་ཉུང་དུ་འགྲོ་བའི་རྣམ་པ་ཐོན་ཡོད་པ་རེད།

ལི་ལིན་གྱིས་གསར་འགོད་པར། ཕྱིན་ཆད་ལོ་50རིང་། གཙང་གསུམ་ཆུ་མགོའི་ས་ཁུལ་དུ་ཆར་པ་འབབ་ཚད་མང་དུ་ཕྱིན་པ་དེས་རྩི་ཤིང་སྐྱེ་ འཚར་ཡོང་རྒྱུར་ཕན་ཐོགས་ཡོད་པ་དང་། རི་སྟེང་རྩི་ཤིང་ནགས་ཚལ་ཅན་དུ་འགྱུར་བ་དང་། ཐན་འདུས་དང་ཐན་མཁྲེགས་ཀྱི་ནུས་པ་མཐོ་རུ་འགྲོ་སྲིད་ཅེས་བཤད་པ་རེད།

གྲངས་གཞི་ལས་མངོན་པར། སྤྱི་ལོ་2005དང་བསྡུར་ཚེ། སྤྱི་ལོ་2010ལོའི་གཙང་གསུམ་ཆུ་མགོའི་ས་ཁུལ་གྱི་ནགས་ཚལ་རྒྱ་ཁྱོན་སྤྱི་ལེ་ ངོས་སྙོམས་གྲུ་བཞི་མ་150འཕར་བ་དང་སྤྱི་ལོ་2012ལོའི་ནགས་ཚལ་ཁེབས་ཚད་ལོ་རེར་ འཕར་སྣོན་འགྲོ་ཚད་བརྒྱ་ཆ་2དང་གྲངས་ཆུང་1བར་མཐོ་རུ་ཕྱིན་ཡོད་པ་རེད།

དེ་མིན། དྲོད་ཚད་མཐོ་རུ་ཕྱིན་པར་བརྟེན། མིའི་རིགས་ཀྱི་ཐོན་སྐྱེད་འཚོ་བའི་ཁོར་ཡུག་སྐྱིད་ཚད་མཐོ་རུ་ཕྱིན་ཡོད་པས། ཡུལ་སྐོར་ལས་རིགས་ཀྱི་གོང་འཕེལ་ལ་ཕན་པ་བསྐྲུན་ཡོད་པ་རེད། ཕྱུགས་ལས་ཐད་ལ། དགུན་ཁ་དྲོ་རུ་ཕྱིན་པའི་གནམ་གཤིས་ཀྱིས་འབྲོག་རྩྭ་སྐྱེ་འཚར་དུས་ཚོད་ཇེ་རིང་ དང་ཐོན་འབབ་མཐོ་རུ་ཕྱིན་པ། ཕྱུགས་ཕྲུག་གསོན་ཚད་མཐོ་རུ་ཕྱིན་ཡོད་པ་རེད།

ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།
བསྒྱུར་མཁན། མཚམས་གཅོད།


རྩོམ་སྒྲིག་པ།  ཕུན་ཚོགས།  སྤེལ་དུས།  2013-10-15 བལྟ་ཀློག (111)
དྲ་ངོས་བལྟ་ཀློག་གྲངས་ཀ
201114
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  0837-2495330 13548388131 QQ:136754599    Emial:pengcuo2001@yahoo.com.cn 136754599@QQ.com
འདི་གའི་པར་དབང་ངེད་ལོ་རྟ་ལྟེ་གནས་སློབ་ཆུང་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13018962号